《鲍勃·迪伦精选27首诗》读后感1000字
#致罗蒙娜#ལོ་མིང་ནཱར་ཕུལ་བ།
ལོ་མིང་ནཱ། གམ་དུ་བཅར་ཙམ་བྱོས་དང་།
མིག་ཆུ་འཕུད་ཀྱིན་པའི་མིག་ཟུང་དེའང་བཙུམས་རོགས་གནང་།
སྐྱོ་གདུང་གི་ན་ཟུག་མ་ལུས།
ཁྱོད་ཀྱི་བློ་ཁོག་ཡངས་མོ་དེ་ནས་ཡལ་བར་རྩོམ་གྱིན་འདུག
གྲོང་ཁྱེར་གྱི་མེ་ཏོག་ནི
ཅི་འདྲའི་མཛེས་ནའང་།
ལན་རེར་གསང་སྟབས་ཀྱིས་ཁུ་སུམ་མེར་གྱུར་འགྲོ
ངས་འདི་ལ་གསལ་བཤད་ཡག་པོ་ཞིག་བྱེད་མི་ནུས་རུང་།
དེ་ནི་ཕན་ཁེ་གང་ཡང་མེད་པའི་ཚོད་ལྟ་ཙམ་རེད
འཆི་བ་ལ་ལྟ་གོན་བྱས་པ་ཙམ་རེད།
ཁྱོད་ཀྱི་སྐམ་ཐག་ཏུ་གྱུར་བའི་དྭངས་གཙང་གི་མཆུ་སྒྲོས་ལ
ངས་སྔར་བཞིན་འོ་ཞིམ་པོ་ཞིག་བྱེད་ན་བསམ
ཁྱོད་ཀྱི་ངོ་གདོང་ན་སྟོབས་ཤུགས་ཤིག་བསྐུང་ནས་འདུག
ཁྱོད་ཀྱི་ཟིལ་ཤུགས་དྲག་པའི་ཉམས་འགྱུར་རེ་རེས
ང་རང་དམ་པོར་ཡང་ཡང་འཇུ
ངའི་སེམས་པར་འཇབ་རྒོལ་ཀྱང་ཡང་ཡང་ཐེབས་ཡོང་། སྙིང་ཉེ
ཁྱོད་ཀྱིས་རང་ཉིད་འཇིག་རྟེན་འདིའི་གཟུགས་མེད་ཀྱི་ཆ་ཤས་ཤིག་ཏུ་གྱུར་བར་རེ་བ་བྱེད་ཀྱིན་དེ་ངས་མཐོང་སོང་།
དེ་ནི་རྨི་ལམ་ཙམ་རེད། སྙིང་སྡུག
སྟོང་སྣང་དང་འཆར་འགོད་ཙམ་རེད། སྙིང་སྡུག
དེས་ཁྱོད་སྟོང་བསམ་རིང་མོ་ཞིག་ལ་འཕེན་རྩིས་བྱེད་ཀྱི་འདུག
ངས་ཁྱོད་ཀྱི་ཀླད་པ་མཐོང་གི་འདུག
དེ་རུ་རྙོག་འཛིང་དང་
རྫུ་བག་ལས་ཐོན་པའི་ཁ་ནང་གི་ཝུ་བ་མང་པོ་ཞིག་གིས་ཁྱབ་འདུག
转载请注明出处海之美文 » 《鲍勃·迪伦精选27首诗》读后感_1000字